phone01892-224909
email[email protected]
search
English
  • མདུན་ངོས།
  • ཁྲིམས་སྒྲིག
    • བཙན་བྱོལ་བོད་མིའི་བཅའ་ཁྲིམས།
    • བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི།
  • དབུས་འོས་བསྡུ་ལས་ཁང་།
    • ཆེད་བརྗོད།
    • ངོ་སྤྲོད།
    • ལས་འགན།
    • འགན་འཛིན་རིམ་བྱོན།
    • འབྲེལ་ཡོད་ལས་བྱེད།
  • ས་གནས་འོས་བསྡུ་ལས་ཁང་།
    • ངོ་སྤྲོད།
    • ལས་འགན།
    • ས་གནས་འོས་བསྡུ་ཚོགས་ཆུང་།
    • ས་གནས་འཐུས་ཚོགས།
    • ས་གནས་འགོ་འཛིན།
    • རང་བདེན་ཚོགས་ཆུང་།
  • སྲིད་སྐྱོང་།
    • སྲིད་སྐྱོང་གི་འོས་ཆོས།
    • བཀའ་ཁྲི་དང་སྲིད་སྐྱོང་།
    • སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།
    • སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས།
  • སྤྱི་འཐུས།
    • བོད་མི་སྤྱི་འཐུས་ཀྱི་འོས་ཆོས།
    • ཡོང་ཁུངས་དང་གྲངས་ཚད།
    • སྤྱི་འཐུས་རིམ་བྱོན།
    • ཚོགས་གཙོ་ཚོགས་གཞོན་
    • སྤྱི་འཐུས་འོས་བསྡུའི་གྲུབ་འབྲས།

འོས་བསྡུ་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས།

March 14, 2016

༢༠༡༦ ཟླ་ ༣ ཚེས་ ༡༤ རེས་གཟའ་ཟླ་བ།

༄༅། །མཚུངས་མེད་ས་གནས་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས། ཚོགས་མི། ཟུར་དཔང་རྣམ་པ་ལྷན་རྒྱས་ལ།

ཆེད་ཞུ། འདི་ནས་འོས་བསྡུའི་སྒྲིག་ལམ་སྤྱི་དང་བྱེ་བྲག་ལམ་སྟོན་སྔོན་ཞུས་ཁག་ལ་འགལ་འཛོལ་མི་འབྱུང་བའི་འགན་འཁུར་སྔར་ལྷག་ཧུར་ལེན་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ལྷག་པར་འདི་ལོ་དམིགས་བསལ་སྲིད་སྤྱི་གཉིས་ཀྱི་འོས་གཞིར་ཡོད་མཁན་དང་མང་ཚོགས་ནང་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་འགྲན་རྩོད་ཀྱི་འཁྲུག་ཆ་ཧ་ཅང་དོད་པོ་བྱུང་དང་འབྱུང་བཞིན་པ་ནི། དམར་ཤོག་ལྟ་བུ་དབང་ཆ་གཅིག་སྡུད་ལམ་ལུགས་ཅན་མ་ཡིན་པའི་མང་གཙོ་ལུང་པའི་ནང་སྤྱིར་བཏང་ཞིག་ཡིན་ནའང་། མང་གཙོའི་ཁེ་དབང་དེ་བཞིན་དྲང་བདེན་དང་འདྲ་མཉམ། གུས་བརྩི་བཅས་ཀྱི་སྒོ་ནས་ལོངས་སུ་སྤྱོད་རྒྱུ་གལ་ཆེ་བར་བརྟེན་སླར་ཡང་རྟིང་བསྐུལ་ཞུ་རྒྱུར།

ཀ༽ འདི་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༩ འཁོད་ལམ་སྟོན་སྔོན་སོང་གི་དང་པོའི་ནང་གསལ་ལྟར་སྒྲིག་གསལ་འོས་དངོས་གཞིའི་གོང་གི་ཕྱི་ཚེས་ ༡༨ ནས་ས་གནས་གང་དུ་ཡང་འོས་གཞིའི་སྐྱེ་བོ་དང་རྒྱབ་བསྐྱོར་བ་སུ་ཐད་ནས་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་གཏམ་བཤད་དང་། བགྲོ་གླེང་། ཡིག་ཆ་འགྲེམ་སྦྱར་བྱེད་མི་ཆོག་པས་དེ་རིགས་མི་འབྱུང་བའི་འགན་འཁུར་ལམ་སྟོན་ཐུབ་པ་དགོས་རྒྱུ།

ཁ༽ འོས་བསྡུ་ཆེན་མོའི་ཉིན་མང་ཚོགས་ནང་བསམ་ཚུལ་མཐུན་མིན་གྱིས་སྐད་ཆ་མཐོ་དམན། རྣམ་འགྱུར་འདྲ་མིན་ཡོང་སྲིད་པ་དང་། གཞན་ཡང་རེ་ཟུང་ནས་བསམ་བཞིན་དུ་འོས་བསྡུའི་ལས་རིམ་ལ་བར་ཆད་ཀྱི་རྐྱེན་སློང་བྱེད་པ་སོགས་ཡོང་སྲིད་པར་བརྟེན་སྔོན་ཚུད་ནས་ས་གནས་ཉེན་རྟོག་པར་འབྲེལ་གཏུགས་གནང་རྒྱུ་དང་། ལྷག་པར་འོས་བསྡུའི་ཚོགས་མི་རྣམས་ནས་གནད་དོན་དེ་རིགས་ལ་བཟོད་སྲན་དང་དོགས་ཟོན་ཆེན་པོའི་སྒོ་ནས་བལྟ་རྟོག་ནན་མོ་གནང་དགོས།

ག༽ འོས་སྒམ་ཚད་ལྡན་སྒོ་ལྕགས་ཅན་དགོས་པ་མ་ཟད་བལྟ་རྟོག་བདག་ཉར་གང་གཟབ་བྱ་དགོས་རྒྱུ་བཅས་ཀྱི་རྟིང་སྐུལ་དུ།

དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༤ ལ།།

Post Views: 43

དབུས་འོས་བསྡུ་ལས་ཁང།

Facebook
YouTube

༅༅། །བོད་རྒྱལ་ལོ་ ༢༡༡༨ ཟླ་ ༥ ཚེས་ ༢ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལྕགས་ལུག་ཟླ་ ༥ ཚེས་ ༡༦ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བཀྲིན་སྩལ་ཉིན་ནས་ཁྲིམས་སུ་བཅས་པའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ཡན་ལག་དང་བཅས་པ་གསར་གཏོད་གནང་བའི་ནང་ཚན་དབུས་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་གལ་ཆེ་བ་ཞིག་ཡིན།

འབྲེལ་གཏུགས་ཁ་བྱང་།

Chief Election Commissioner,
Election Commission
Central Tibetan Administration,
Dharamshala-176215
H.P. India

[email protected]
01892-224909

གལ་ཆེན་འབྲེལ་ཐག་ཁག

tibet.net
bod.asia
tibet.com
indiatibet.net

QR བཤེར་གྲངས།

© 2020 – 2026 TCRC