phone01892-224909
email[email protected]
search
English
  • མདུན་ངོས།
  • ཁྲིམས་སྒྲིག
    • བཙན་བྱོལ་བོད་མིའི་བཅའ་ཁྲིམས།
    • བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི།
  • དབུས་འོས་བསྡུ་ལས་ཁང་།
    • ཆེད་བརྗོད།
    • ངོ་སྤྲོད།
    • ལས་འགན།
    • འགན་འཛིན་རིམ་བྱོན།
    • འབྲེལ་ཡོད་ལས་བྱེད།
  • ས་གནས་འོས་བསྡུ་ལས་ཁང་།
    • ངོ་སྤྲོད།
    • ལས་འགན།
    • ས་གནས་འོས་བསྡུ་ཚོགས་ཆུང་།
    • ས་གནས་འཐུས་ཚོགས།
    • ས་གནས་འགོ་འཛིན།
    • རང་བདེན་ཚོགས་ཆུང་།
  • སྲིད་སྐྱོང་།
    • སྲིད་སྐྱོང་གི་འོས་ཆོས།
    • བཀའ་ཁྲི་དང་སྲིད་སྐྱོང་།
    • སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།
    • སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས།
  • སྤྱི་འཐུས།
    • བོད་མི་སྤྱི་འཐུས་ཀྱི་འོས་ཆོས།
    • ཡོང་ཁུངས་དང་གྲངས་ཚད།
    • སྤྱི་འཐུས་རིམ་བྱོན།
    • ཚོགས་གཙོ་ཚོགས་གཞོན་
    • སྤྱི་འཐུས་འོས་བསྡུའི་གྲུབ་འབྲས།

དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་ཚང་མས་མཉམ་ཞུགས་ཡོང་བའི་འབོད་སྐུལ་གནང་བ།

October 16, 2015

༢༠༡༥ ཟླ་ ༡༠ ཚེས་ ༡༦ རེས་གཟའ་པ་སངས།

DSC_0333༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༦ ཉིན་དབུས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་བཙན་བྱོལ་བོད་མི་རང་ལོ་ ༡༨ སོན་པ་ཡན་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་ཚང་མས་མཉམ་ཞུགས་ཡོང་བའི་སྐོར་འབོད་སྐུལ་དང་འབྲེལ་གསུང་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་འཁེལ་གྱི་ཡོད། སྔོན་འགྲོའི་འོས་བསྡུ་འདི་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། མ་འོངས་པའི་སྲིད་སྐྱོང་དང་སྤྱི་འཐུས་སུ་ཞིག་ལ་ཐུགས་གཏན་ཁེལ་མིན་གྱི་ཐག་གཅོད་ཅིག་ཡིན་པར་བརྟེན། དངོས་གཞིའི་འོས་གཞི་ནང་སུ་དང་སུ་ཕེབས་དགོས་ཀྱི་ཡོད་མེད་དེ་དག་སྔོན་འགྲོའི་འོས་བསྡུ་འདིའི་ཐོག་ནས་ཐག་གཅོད་གནང་དགོས་ཀྱི་ཡོད་པ་ཆགས་ཡོད། དེར་བརྟེན་རྒྱ་ཆེའི་མང་ཚོགས་ངོས་ནས་དེ་སྔ་གསལ་བསྒྲགས་ཞུས་པ་བཞིན། སོ་སོའི་དཔྱ་ཁྲལ་ལག་དེབ་བསྣམས་ཐོག་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱས་ཡོད་པ་རྣམས་ཁྱབ་ཁོངས་འོས་བསྡུ་བྱ་ཡུལ་ས་ཚིགས་སུ་ཕེབས་ནས་ས་གནས་འོས་བསྡུ་སོ་སོ་ནས་དུས་ཚོད་གཏན་འབེབས་གནང་ཡོད་པ་དེ་ཡང་ས་གནས་འོས་བསྡུ་ཁྱབ་ཁོངས་ནང་འོས་བསྡུ་བྱ་ཡུལ་ས་ཁག་མང་པོ་ཞིག་ཡོད་ངེས་རེད།

དེར་བརྟེན་སོ་སོའི་ཁྱབ་ཁོངས་གང་དུ་འཁེལ་གྱི་འདུག དུས་ཚོད་ག་དུས་གཏན་འབེབས་གནང་འདུག་པ་དེ་དག་ངེས་པར་དུ་ཐུགས་སྣང་གནང་ནས་མཉམ་ཞུགས་གནང་དགོས་པ་དང་། དེ་བཞིན་མཉམ་ཞུགས་གནང་བ་ཙམ་མིན་པར་གོང་དུ་ཞུས་པ་ལྟར། སོ་སོའི་ངོས་ནས་སུ་ལ་འདོད་མོས་ཡོད་པ་དེ་སོ་སོའི་ལག་ཏུ་རང་དབང་ཆ་ཚང་ཡོད་སྟབས། དཔེར་ན། སྲིད་སྐྱོང་ཡིན་ན། སྲིད་སྐྱོང་འོས་དམིགས་གཅིག་གི་མཚན་དང་། དེ་བཞིན་ཁྱད་མིང་ཡོད་ན་ཁྱད་མིང་། ཕ་ཡུལ། ད་ལྟའི་སྡོད་གནས། ད་ལྟའི་ལས་གནས་སམ་སྔོན་གྱི་ལས་གནས་བཅས་གསལ་པོ་བྱས་ནས་འབྲི་གནང་དགོས་ཀྱི་ཡོད། ཕྱོགས་མཚུངས་རྒྱ་བལ་འབྲུག་གསུམ་གྱི་ཁོངས་སུ་ཡིན་ཚེ། སྤྱིར་ཆོལ་ཁ་སོ་སོའི་ནང་སྤྱི་འཐུས་བཅུ་རེ་དང་། དེའི་ནང་ནས་བུད་མེད་གཉིས་ངེས་པར་དུ་བླུག་གནང་དགོས་ཀྱི་ཡོད། གཞན་བརྒྱད་པོ་དེ་ཕོ་མོ་ཁྱད་མེད་ཡིན། གལ་ཏེ་འོས་མི་བཅུ་པོ་ཆ་ཚང་བུད་མེད་བླུག་པ་ཡིན་ན་འོས་རྩིས་མེད་འགྲོ་གི་མེད། འོས་འཕེན་པའི་སྐབས་སུ་འོས་མི་བཅུ་ལས་བརྒལ་བ་ཡིན་ན་འོས་རྩིས་མེད་འགྲོ་གི་རེད། དེར་བརྟེན་མང་ཚོགས་ནས་ངེས་པར་དུ་དམ་དོན་གནང་རོགས་ཞུ་རྒྱུ་ཡིན། དེ་སྔ་ཡིན་ནའང་སོ་སོའི་ངོས་ནས་སྔ་ས་ནས་གྲ་སྒྲིག་དགོས་པའི་ལམ་སྟོན་ཞུས་ཡོད་པར་བརྟེན་ཚང་མས་གྲ་སྒྲིག་ཨང་གསར་ཡིན་ངེས་རེད། སྔོན་འགྲོའི་འོས་བསྡུའི་སྐབས་ཚང་མས་དངོས་སུ་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངེས་པར་དུ་ཕེབས་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་། །

Post Views: 18

དབུས་འོས་བསྡུ་ལས་ཁང།

Facebook
YouTube

༅༅། །བོད་རྒྱལ་ལོ་ ༢༡༡༨ ཟླ་ ༥ ཚེས་ ༢ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལྕགས་ལུག་ཟླ་ ༥ ཚེས་ ༡༦ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བཀྲིན་སྩལ་ཉིན་ནས་ཁྲིམས་སུ་བཅས་པའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ཡན་ལག་དང་བཅས་པ་གསར་གཏོད་གནང་བའི་ནང་ཚན་དབུས་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་གལ་ཆེ་བ་ཞིག་ཡིན།

འབྲེལ་གཏུགས་ཁ་བྱང་།

Chief Election Commissioner,
Election Commission
Central Tibetan Administration,
Dharamshala-176215
H.P. India

[email protected]
01892-224909

གལ་ཆེན་འབྲེལ་ཐག་ཁག

tibet.net
bod.asia
tibet.com
indiatibet.net

QR བཤེར་གྲངས།

© 2020 – 2026 TCRC