phone01892-224909
email[email protected]
search
English
  • མདུན་ངོས།
  • ཁྲིམས་སྒྲིག
    • བཙན་བྱོལ་བོད་མིའི་བཅའ་ཁྲིམས།
    • བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི།
  • དབུས་འོས་བསྡུ་ལས་ཁང་།
    • ཆེད་བརྗོད།
    • ངོ་སྤྲོད།
    • ལས་འགན།
    • འགན་འཛིན་རིམ་བྱོན།
    • འབྲེལ་ཡོད་ལས་བྱེད།
  • ས་གནས་འོས་བསྡུ་ལས་ཁང་།
    • ངོ་སྤྲོད།
    • ལས་འགན།
    • ས་གནས་འོས་བསྡུ་ཚོགས་ཆུང་།
    • ས་གནས་འཐུས་ཚོགས།
    • ས་གནས་འགོ་འཛིན།
    • རང་བདེན་ཚོགས་ཆུང་།
  • སྲིད་སྐྱོང་།
    • སྲིད་སྐྱོང་གི་འོས་ཆོས།
    • བཀའ་ཁྲི་དང་སྲིད་སྐྱོང་།
    • སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།
    • སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས།
  • སྤྱི་འཐུས།
    • བོད་མི་སྤྱི་འཐུས་ཀྱི་འོས་ཆོས།
    • ཡོང་ཁུངས་དང་གྲངས་ཚད།
    • སྤྱི་འཐུས་རིམ་བྱོན།
    • ཚོགས་གཙོ་ཚོགས་གཞོན་
    • སྤྱི་འཐུས་འོས་བསྡུའི་གྲུབ་འབྲས།

དབུས་འོས་བསྡུ་ལྷན་ཁང་ནས་རྡ་ས་ས་གནས་འགོ་འཛིན་གསར་པར་འཚམས་འདྲི་གནང་བ།

June 9, 2016

Screen-Shot-2016-06-09-at-9.37.02-am༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་ཟླ་བ་རིན་ཆེན་ལགས་སྐབས་ ༤ རྡ་སའི་ས་གནས་འགོ་འཛིན་དུ་མི་མང་གིས་མང་མོས་ཐོག་འོས་འདེམས་གནང་བར་འཚམས་འདྲི་གནང་བ་དང་སྦྲགས།  འོས་བསྡུའི་སྒྲིག་དོན་ ༨༠།༡ དགོངས་དོན་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ ནས་ལོ་གསུམ་རིང་མང་ཚོགས་ཀྱིས་མང་མོས་འོས་འདེམས་ཟིན་དོན་རྡ་ས་ས་གནས་འགོ་འཛིན་དུ་བསྐོ་གཞག་གནང་ཡོད། འབྱུང་འགྱུར་སྒྲིག་གསལ་ས་གནས་འགོ་འཛིན་གྱི་ལས་ཡུན་མ་རྫོགས་གོང་སྒྲིག་གཞི་ ནང་གསལ་ཉིན་གྲངས་ ༣༠ ནང་ཚུན་བསྐྱར་དུ་འོས་བསྡུའི་ལས་རིམ་འགོ་འཛུགས་བྱེད་འཐུས་དབུས་འོས་བསྡུ་ལས་ཁང་ནས་ཆོག་མཆན་བཀའ་འཁྲོལ་ཞུས་ཟིན་པ་དགོས་རྒྱུ་དམ་འཛིན་གནང་དགོས་དང་། འཛིན་སྐྱོང་ལས་དོན་དང་འབྲེལ་བའི་ཐོག་འབྲེལ་ཡོད་གོང་རིམ་ནས་བཀོད་ཁྱབ་ལམ་སྟོན་ཕེབས་རྒྱུར་ས་གནས་མང་ཚོགས་ཀྱི་རེ་འདུན་སྙིང་བཅངས་ཀྱི་སྤྱི་དོན་ལྷག་བློ་ཆེ་བསྐྱེད་ཞུ་དགོས་བསྐུལ་མ་གནང་ཡོད།

སྤྱིར་རྡ་ས་ས་གནས་འཛིན་གྱི་སྔོན་འགྲོའི་འོས་བསྡུ་ནི་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༥ ཉིན་གནང་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༦ ཉིན་དངོས་གཞིའི་འོས་བསྡུ་གནང་ཡོད། ཐེངས་འདིའི་རྡ་ས་ས་གནས་འཛིན་གྱི་དངོས་གཞིའི་འོས་མི་གསུམ་བྱུང་ཁོངས་ནས་ཟླ་བ་རིན་ཆེན་ལགས་ལ་འོས་ཐོབ་གྲངས་ ༧༠༦ དང་། ཐུབ་བསྟན་འཇིགས་མེད་ལགས་ལ་འོས་ཐོབ་གྲངས་ ༡༥༨ བཀྲ་ཤིས་རྡོ་རྗེ་ལགས་ལ་འོས་གྲངས་ ༢༨ ཐོབ་ཡོད།

དེ་ཡང་སྐུ་ཞབས་ཟླ་བ་རིན་ཆེན་ལགས་ནི། ཕྱི་ལོ་ ༡༩༦༤ ལོར་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༥ ནས ༡༩༨༩ ལོའི་བར་དྭངས་སློབ་དབུས་སློབ་གཉེར་ཁང་དུ་དྭངས་སློབ་ ༡༠༠༠ ལྷག་ལ་ལུས་རྩལ་དང་གོ་མཚོན་སློབ་ཁྲིད་ཀྱི་དགེ་རྒན་གནང་། ཕྱི་ལོ་ ༡༩༩༠ ནས་ ༡༩༩༣ བར་༸གོང་ས་མཆོག་གི་སྐུ་སྲུང་གི་ཞབས་ཕྱི་ཞུས། ཕྱི་ལོ་ ༡༩༩༥ ལོར་རྡ་སར་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་འཛུགས་ཀྱིས་དྲུང་ཆེ་གནང་། ཕྱི་ལོ་ ༢༠༠༠ ནས་ ༢༠༠༣ བར་གངས་སྐྱིད་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་གནང་། ཕྱི་ལོ་ ༢༠༠༣ ལོར་ཆབ་སྲིད་དྲིལ་བསྒྲགས་ཆེད་སྒེར་ངོས་ནས་ཆབ་སྲིད་བཙོན་ཟུར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཨ་རིར་གདན་ཞུས་ཀྱིས་ས་གནས་ཁག་དྲུག་ནང་ཆབ་སྲིད་དྲིལ་བསྒྲགས་གནང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༡ བར་རྡ་ས་མེད་གྷན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་གནང་། ཕྱི་ལོ་ ༢༠༠༥ ལོ་ནས་བོད་མིའི་ཚོང་ལས་བདེ་ཚོགསདབུས་ཀྱི་སྐབས་དང་པོའི་རྒྱུན་ལས་དང་དྲུང་ཆེ་གནང་། ཕྱི་ལོ ༢༠༠༩ ནས་ ༢༠༡༠ དང་། ཕྱི་ལོ་ ༢༠༡༢ ནས་ད་བར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྒྱུན་ལས་གནང་མུས། ཕྱི་ལོ་ ༢༠༡༢ ནས་ ༢༠༡༥ བར་དུ་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་སློབ་སྟོན་པ་གནང་། ད་ལྟའི་ཆར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྒྱུན་ལས་བཅས་ཀྱི་ལས་ཁུར་ཞུ་མུས་ཡིན་འདུག །

Post Views: 18

དབུས་འོས་བསྡུ་ལས་ཁང།

Facebook
YouTube

༅༅། །བོད་རྒྱལ་ལོ་ ༢༡༡༨ ཟླ་ ༥ ཚེས་ ༢ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལྕགས་ལུག་ཟླ་ ༥ ཚེས་ ༡༦ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བཀྲིན་སྩལ་ཉིན་ནས་ཁྲིམས་སུ་བཅས་པའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ཡན་ལག་དང་བཅས་པ་གསར་གཏོད་གནང་བའི་ནང་ཚན་དབུས་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་གལ་ཆེ་བ་ཞིག་ཡིན།

འབྲེལ་གཏུགས་ཁ་བྱང་།

Chief Election Commissioner,
Election Commission
Central Tibetan Administration,
Dharamshala-176215
H.P. India

[email protected]
01892-224909

གལ་ཆེན་འབྲེལ་ཐག་ཁག

tibet.net
bod.asia
tibet.com
indiatibet.net

QR བཤེར་གྲངས།

© 2020 – 2026 TCRC