ལས་འགན།

༄༅། །བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བོད་མི་དམངས་ལ་མང་གཙོའི་ལམ་ལུགས་གསར་གཏོད་གསོལ་སྩལ་གནང་བ་དེ་བཞིན་སྲ་བརྟན་རྒྱུན་གནས་དང་། ཡར་རྒྱས་གོང་འཕེལ་ཡོང་ཐབས་སླད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་དང་། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། སྲིད་སྐྱོང་། གཞན་ཡང་བཅའ་ཁྲིམས་ནང་གསལ་འོས་བསྡུའི་བྱེད་སྒོ་ཅི་རིགས་དང་། བོད་དང་བོད་མིའི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་ཐག་གཅོད་བྱ་རྒྱུ་བཅས་ཀྱི་འོས་བསྡུའི་ལས་དོན་རྣམས་རང་དབང་དང་དྲང་བདེན། འདྲ་མཉམ། དུས་ཐོག ཆ་འཇོག་ལྡན་པའི་འོས་བསྡུ་འབྱུང་ཕྱིར་རང་དབང་ལྡན་པའི་འོས་བསྡུ་ལས་ཁང་ནས་འགན་ཁུར་བྱ་རྒྱུ།

keyboard_arrow_up