དྭང་བླངས་འོས་གཞི་རྣམས་འོས་གཞིར་འཛུལ་ཞུགས་དང་འདེམས་སྒྲུག་བྱེད་ཕྱོགས།

སྒྲིག་གཞི་འདི་དང༌། གཙོ་བོ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ཁག་གི་དགོངས་དོན་གཞིར་བཟུང་སྐྱེ་བོ་སུ་རུང་རང་ཉིད་ཀྱི་ཐོབ་ཁུངས་སོ་སོའི་ཐོབ་ཆའི་སྤྱི་འཐུས་ཀྱི་འོས་གཞིར་དྭང་བླངས་འཛུལ་ཞུགས་ཆོག

སྐྱེ་བོ་གང་ཞིག་སྤྱི་འཐུས་ཀྱི་འོས་གཞིར་དྭང་བླངས་འཛུལ་ཞུགས་བྱེད་པ་ལ།

དོན་ཚན་ ༣༩ ནང་གསལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་བ།

ཐོབ་ཁུངས་དེ་གའི་འོས་འཕེན་པ་ཚད་ལྡན་རྒྱུས་ཅན་ ༢༥ ནས་འགན་འཁུར་གྱིས་རྒྱབ་སྐྱོར་ཡོད་པ།

དབུས་འོས་བསྡུ་ལས་ཁང་ནས་ཁྱབ་བསྒྲགས་དགོས་པ་གཤམ་གསལ།

ཐོབ་ཁུངས་སོ་སོའི་སྤྱི་འཐུས་ཀྱི་ཐོབ་ཆའི་འོས་གཞིར་དྭང་བླངས་འཛུལ་ཞུགས་བྱ་རྒྱུར་སྙན་ཞུས་ཀྱིས། ས་གནས་འོས་བསྡུ་ལས་ཁང་ནས་འགེངས་ཤོག་ཞུ་ལེན་དང༌། དོ་བདག་གི་ལོ་རྒྱུས་བཅས་ཕྱིར་འབུལ་བྱ་རྒྱུའི་དུས་ཚེས།

དྭང་བླངས་འཛུལ་ཞུགས་བྱས་པའི་འོས་གཞི་ལ་ས་གནས་འོས་བསྡུ་ལས་ཁང་ནས་བརྟག་ཞིབ་རྩད་གཅོད་དང་ཐག་གཅོད་བྱ་རྒྱུའི་དུས་ཚེས།

སྐྱེ་བོ་གང་ཞིག་དྭང་བླངས་འོས་གཞི་ནས་རང་མོས་ཕྱིར་འཐེན་བྱ་རྒྱུའི་དུས་ཚེས།

དབུས་འོས་བསྡུ་ལས་ཁང་ནས་མཐའ་བསྡོམས་གསལ་བསྒྲགས་བྱས་པའི་འོས་གཞི་རྣམས་ཀྱི་མིང་དང༌། འདྲ་པར། མཚོན་རྟགས། ཐོབ་ཁུངས། ད་ལྟའི་སྡོད་གནས། ལོ་རྒྱུས་མདོར་བསྡུས་བཅས།

keyboard_arrow_up