phone01892-224909
email[email protected]
search
English
  • མདུན་ངོས།
  • ཁྲིམས་སྒྲིག
    • བཙན་བྱོལ་བོད་མིའི་བཅའ་ཁྲིམས།
    • བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི།
  • དབུས་འོས་བསྡུ་ལས་ཁང་།
    • ཆེད་བརྗོད།
    • ངོ་སྤྲོད།
    • ལས་འགན།
    • འགན་འཛིན་རིམ་བྱོན།
    • འབྲེལ་ཡོད་ལས་བྱེད།
  • ས་གནས་འོས་བསྡུ་ལས་ཁང་།
    • ངོ་སྤྲོད།
    • ལས་འགན།
    • ས་གནས་འོས་བསྡུ་ཚོགས་ཆུང་།
    • ས་གནས་འཐུས་ཚོགས།
    • ས་གནས་འགོ་འཛིན།
    • རང་བདེན་ཚོགས་ཆུང་།
  • སྲིད་སྐྱོང་།
    • སྲིད་སྐྱོང་གི་འོས་ཆོས།
    • བཀའ་ཁྲི་དང་སྲིད་སྐྱོང་།
    • སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།
    • སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས།
  • སྤྱི་འཐུས།
    • བོད་མི་སྤྱི་འཐུས་ཀྱི་འོས་ཆོས།
    • ཡོང་ཁུངས་དང་གྲངས་ཚད།
    • སྤྱི་འཐུས་རིམ་བྱོན།
    • ཚོགས་གཙོ་ཚོགས་གཞོན་
    • སྤྱི་འཐུས་འོས་བསྡུའི་གྲུབ་འབྲས།

དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་ཨོ་གླིང་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།

September 13, 2019

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ རེས་གཟའ་པ་སངས། 

༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་འདི་ག་ཨོ་གླིང་ཁུལ་བོད་མི་འདུས་སྡོད་ས་གནས་ཁག་ཏུ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོག་དང་། ལམ་སྟོན་གནང་ཆེད་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ ཉིན་གནས་མཁར་གསར་ས་གནས་སུ་འབྱོར་སྐབས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་རྒྱ་མཚོ་ལགས་ནས་ཕེབས་བསུ་ཞུས་པ་དང་། དགོང་མོ་ཆུ་ཚོད་ ༦ ཐོག་གནས་མཁར་གསར་གནས་བཞུགས་བོད་རིགས་མི་མང་རྣམས་ལ་གསུང་བཤད་གནང་།

དེ་ཡང་ཐོག་མར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་དང་། ཐེངས་འདིར་ཕེབས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གསུང་བཤད་གནང་མཚམས་འོས་བསྡུའི་སྤྱི་ཁྱབ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཆུ་ཚོད་གཅིག་ལྷག་རིང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཇི་ཕྱིན་པ་དང་འབྲེལ་བའི་ཐད་འགྲེལ་བཤད་གནང་འདུག དེ་ནས་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་མཐིལ་ཕྱིན་གནང་།

ཕྱི་ཚེས་ ༡༠ ཉིན་གནས་མཁར་གསར་ནས་སིད་ནིར་ཐོན་པ་དང་། སིད་ནི་ཁུལ་དུ་སྐད་གྲགས་ཆེ་བའི་སིད་ནི་གླུ་གར་ཁང་དང་ཟམ་ཆེན་སོགས་ལ་འཚམས་གཟིགས་ཕེབས་རྗེས་ཕྱི་ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༤ ཐོག་དོན་གཅོད་ལས་ཁུངས་ནས་ཆེད་དུ་གོ་སྒྲིག་གནང་བའི་སིད་ནི་ཁུལ་གྱི་དཀའ་རྙོག་སེལ་ཐབས་ཀྱི་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་སྟེ། དོན་གཅོད་ལས་ཁུངས་དང་། བཀའ་ཟུར། སྤྱི་ཟུར། དྲུང་ཟུར། ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང་ཟུར་དཔང་། དགེ་རྒན་ལས་ཟུར། ལས་བྱེད་ཟུར་པ། དང་བླངས་མི་མང་གི་སྐུ་ཚབ་སོགས་ཀྱི་སྤྱི་ཡོངས་གནས་སྟངས་བྱུང་རིམ་ངོ་སྤྲོད་དང་དགོངས་འཆར་ཕེབས་པ་ཁག་གསན་འཇོག་གནང་རྗེས། བླང་དོར་གྱི་ལམ་སྟོན་གསུང་བཤད་གཏིང་ཟབ་ཅིང་དོན་ཕན་ལྡན་པ་ཞིག་གནང་ཡོད།

ཕྱི་ཚེས་ ༡༢ ཉིན་དོན་གཅོད་མཆོག་གྲོས་ཚོགས་སུ་འབྲེལ་ཡོད་གྲོས་ཚོགས་ཀྱི་འཐུས་མི་དང་ཐུག་འཕྲད་ཀྱི་དུས་ཚོད་གཏན་འབེབས་ཟིན་པ་ལྟར་སྔོན་དུ་ཕྱིར་ལོག་ཕེབས་དགོས་བྱུང་བ་དང་། དོན་ཁང་གི་རྩིས་དྲུང་དང་རྒྱ་རིགས་འབྲེལ་མཐུད་པ་རྣམ་གཉིས་ནས་འོས་བསྡུ་སྤྱི་ཁྱབ་འགན་འཛིན་ལགས་གནམ་ཐང་བར་ཕེབས་བསྐྱལ་ཞུས་ཡོད།

ད་ཐེངས་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ཨོ་གླིང་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་སྟེ་ཕྱིར་རྒྱ་གར་དུ་ཕེབས་ཡོད་པ་དང་བཅས། །

Post Views: 26

དབུས་འོས་བསྡུ་ལས་ཁང།

Facebook
YouTube

༅༅། །བོད་རྒྱལ་ལོ་ ༢༡༡༨ ཟླ་ ༥ ཚེས་ ༢ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལྕགས་ལུག་ཟླ་ ༥ ཚེས་ ༡༦ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བཀྲིན་སྩལ་ཉིན་ནས་ཁྲིམས་སུ་བཅས་པའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ཡན་ལག་དང་བཅས་པ་གསར་གཏོད་གནང་བའི་ནང་ཚན་དབུས་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་གལ་ཆེ་བ་ཞིག་ཡིན།

འབྲེལ་གཏུགས་ཁ་བྱང་།

Chief Election Commissioner,
Election Commission
Central Tibetan Administration,
Dharamshala-176215
H.P. India

[email protected]
01892-224909

གལ་ཆེན་འབྲེལ་ཐག་ཁག

tibet.net
bod.asia
tibet.com
indiatibet.net

QR བཤེར་གྲངས།

© 2020 – 2026 TCRC