phone01892-224909
email[email protected]
search
English
  • མདུན་ངོས།
  • ཁྲིམས་སྒྲིག
    • བཙན་བྱོལ་བོད་མིའི་བཅའ་ཁྲིམས།
    • བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི།
  • དབུས་འོས་བསྡུ་ལས་ཁང་།
    • ཆེད་བརྗོད།
    • ངོ་སྤྲོད།
    • ལས་འགན།
    • འགན་འཛིན་རིམ་བྱོན།
    • འབྲེལ་ཡོད་ལས་བྱེད།
  • ས་གནས་འོས་བསྡུ་ལས་ཁང་།
    • ངོ་སྤྲོད།
    • ལས་འགན།
    • ས་གནས་འོས་བསྡུ་ཚོགས་ཆུང་།
    • ས་གནས་འཐུས་ཚོགས།
    • ས་གནས་འགོ་འཛིན།
    • རང་བདེན་ཚོགས་ཆུང་།
  • སྲིད་སྐྱོང་།
    • སྲིད་སྐྱོང་གི་འོས་ཆོས།
    • བཀའ་ཁྲི་དང་སྲིད་སྐྱོང་།
    • སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས།
    • སྲིད་སྐྱོང་འོས་བསྡུའི་གྲུབ་འབྲས།
  • སྤྱི་འཐུས།
    • བོད་མི་སྤྱི་འཐུས་ཀྱི་འོས་ཆོས།
    • ཡོང་ཁུངས་དང་གྲངས་ཚད།
    • སྤྱི་འཐུས་རིམ་བྱོན།
    • ཚོགས་གཙོ་ཚོགས་གཞོན་
    • སྤྱི་འཐུས་འོས་བསྡུའི་གྲུབ་འབྲས།

དབུས་འོས་བསྡུ་ལས་ཁུངས་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་བ།

January 30, 2017

today4-768x512 ༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་གསར་པ་ཁག་གཅིག་ལ་ཟབ་སྦྱོང་གོ་སྒྲིག་གི་དབུ་འབྱེད་མཛད་སྒོར་དབུས་འོས་བསྡུ་ལས་ཁུངས་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་། དེ་ཡང་སྐབས་དེར་ཐོག་མར་ཁོང་ནས་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་གསུང་དོན།

ད་ལྟ་སྐབས་སུ་བབ་པ་ངས་འགྲེལ་བརྗོད་ཞུ་དགོས་རྒྱུ་ནི་དགོས་དམིགས་རེད། རྩ་བའི་འདེམས་བསྐོ་ལྷན་ཁང་གི་ངོས་ནས་ཟབ་སྦྱོང་གནང་རྒྱུ་དང་ལས་བྱེད་ཚོར་ཟབ་སྦྱོང་གནང་རྒྱུའི་ལས་འགན་ཞིག་ཆགས་བཞིན་ཡོད། འོན་ཀྱང་དཔལ་འབྱོར་གྱི་གནས་བབ་འདི་འཛིན་སྐྱོང་བཀའ་ཤག་གིས་ཐུགས་འགན་བཞེས་དགོས་ཀྱི་ཡོད། དེ་གཞིར་བཟུང་གིས་འདེམས་བསྐོ་ལྷན་ཁང་གི་ངོས་ནས་ཀྱང་ལས་བྱེད་ཡིན་བཞིན་པ་ཁག་གཅིག་དང་། གཞན་ཡང་ལས་བྱེད་གསར་པ་འཛུལ་ཞུགས་གནང་མཁན་བཅས་ལ་ཟབ་སྦྱོང་གོ་སྒྲིག་གནང་དགོས་པའི་རིགས་བཅས་ཁག་ཁ་ཤས་ཤིག་ཡོད།  བར་ལམ་ནས་འགྱུར་བ་ཞིག་ཕྱིན་ཏེ་ད་ལྟ་གནས་སྟངས་གང་འདྲ་ཆགས་ཡོད་ཅེས་བརྗོད་ན།   ལས་བྱེད་ཀྱི་དམིགས་ཡུལ་གྱི་ཆེད་དུ་ཟབ་སྦྱོང་། ཞེས་སྡེ་ཚན་གཅིག་གསར་དུ་བཟོས་པ་རེད།  དེ་སྔ་འཛིན་སྐྱོང་བཀའ་ཤག་གི་བཀའ་དགོངས་ལྟར་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག་ལས་བྱེད་ཀྱི་དམིགས་སྒོའི་ཆེད་ཟླ་དྲུག་དང་ཟླ་བཞིའི་ཟབ་སྦྱོང་ཞིག་གནང་བ་རེད། དེ་གཙོ་བོ་ལས་བྱེད་དམིགས་སྒོའི་ཆེད་དུ་རེད།

ལས་བྱེད་དམིགས་སྒོའི་ཆེད་ཟླ་བ་དྲུག་ཙམ་འགྲོ་སོང་བཏང་རྗེས་མཐར་གསར་བུ་བ་རྣམས་སྲི་ཞུའི་ལས་བྱེད་ནང་འཛུལ་རྒྱུག་གཏོང་སྐབས་ལས་ས་མིག་སྟོང་པ་རྣམས་འགེངས་ཐུབ་པ་ཞིག་དགོས་ཀྱི་ཡོད་ཀྱང་། ཡིག་རྒྱུགས་མ་འཕྲོད་པ་སོགས་ལ་བརྟེན་ནས་ས་མིག་ད་དུང་འགེངས་མ་ཐུབ་པར་ལུས་བཞིན་ཡོད།  དེར་བརྟེན་ཟབ་སྦྱོང་གནང་བ་དེས་ཕན་ཐོགས་བྱུང་ཡོད་དམ་མེད། རྩ་བའི་སྒེར་སོ་སོར་ཏན་ཏན་ཐུགས་ཕན་གསོས་ཡོད་ཀྱང་འཛིན་སྐྱོང་བཀའ་ཤག་གི་དགོས་མཁོ་ཆ་ཚང་བསྒྲུབ་མ་ཐུབ་པ་ལྟ་བུ་ཆགས་ཡོད།   གནས་སྟངས་དེའི་རྐྱེན་གང་ཡིན་མིན་ཐད་དོ་དག་སོ་སོས་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད།

དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ཟླ་བ་དྲུག་ཟབ་སྦྱོང་ཟིན་རྗེས་སླར་ཡང་ཟླ་བ་བཞི་ཙམ་རིང་ཟབ་སྦྱོང་སྤྲད་ནས་ཐུགས་ཕན་གསོ་ཐུབ་པ་ཞིག་དང་ང་ཚོར་ས་མིག་ཡོད་པ་དེ་དག་དགང་ཐུབ་པའི་འབད་བརྩོན་ཞུས་ནའང་དེ་དེ་བཞིན་གྱི་ཏག་ཏག་ཅིག་ཡོང་ཐུབ་མེད། འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས་ཐད་སྒྲིག་གཞི་ཡོད་རེད།

སྤྱིར་བཏང་ཁྱེད་རང་ཚོས་མཁྱེན་གསལ་རེད། འདེམས་བསྐོ་ལྷན་ཁང་རང་དབང་ཅན་གྱི་སྡེ་ཚན་རེད།  འོན་ཀྱང་རང་དབང་ཡོད་ཅེས་གང་བྱུང་བྱེད་ན་མི་འགྲིག   རང་དབང་ཅན་འདི་ཁྲིམས་དང་སྒྲིག་གཞི་དགོངས་དོན་ལྟར་ལས་ཀ་བྱེད་དགོས་ཀྱི་ཡོད། དེ་འདྲའི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་ལས་བྱེད་དམིགས་སྒོའི་ཆེད་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་དེ་འདེམས་བསྐོ་ལྷན་ཁང་གི་འགན་དབང་དང་མཐུན་གྱི་མི་འདུག     འདེམས་བསྐོ་ལྷན་ཁང་གི་འགན་དབང་ནང་གང་ཡོད་བརྗོད་ན་ལས་བྱེད་ཡིན་བཞིན་པ་དང་ལས་བྱེད་ནང་ལ་གསར་འདེམས་བྱུང་བཅས་ལ་ལས་དོན་བྱེད་ཕྱོགས་དང་འབྲེལ་བ་ཡོད་པའི་ཐོག་ལ་ཟབ་སྦྱོང་གོ་སྒྲིག་གནང་རྒྱུ་འདེམས་བསྐོ་ལྷན་ཁང་གི་འགན་དབང་རེད་འདུག

དེར་བརྟེན་མ་འོངས་པར་ལས་བྱེད་དམིགས་སྒོའི་ཟབ་སྦྱོང་འདིའི་རིགས་དེ་དག་འདེམས་བསྐོ་ལྷན་ཁང་གིས་འགན་བཞེས་ཐུབ་པ་མི་འདུག ཅེས་འཛིན་སྐྱོང་ལ་སྙན་སེང་དེ་ལྟར་ཞུས་ནས་རིམ་བཞིན་འགྱུར་བ་ཞིག་ཕྱིན་ཡོད།

གོང་དུ་ཞུས་པ་བཞིན་དཔལ་འབྱོར་དང་འགྲོ་སོང་དེ་དག་འཛིན་སྐྱོང་ནས་བཞེས་དགོས་ཀྱི་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་། ཐེངས་འདིར་ཟབ་སྦྱོང་སྐབས་སྲི་ཞུའི་ལས་བྱེད་རིགས་གཉིས་ཡོད་པ་ནི་ལས་བྱེད་ཟླ་དྲུག་ཚོད་ལྟ་ཟིན་པ་དང་།  རིགས་གཅིག་ལས་བྱེད་ཡིག་རྒྱུགས་འཕྲོད་པ་ཙམ་ལས་ལས་དོན་གཞི་ནས་འགོ་འཛུགས་བྱ་རྒྱུ་ཡིན་པ་བཅས་ཡིན།།

Post Views: 27

དབུས་འོས་བསྡུ་ལས་ཁང།

Facebook
YouTube

༅༅། །བོད་རྒྱལ་ལོ་ ༢༡༡༨ ཟླ་ ༥ ཚེས་ ༢ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལྕགས་ལུག་ཟླ་ ༥ ཚེས་ ༡༦ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བཀྲིན་སྩལ་ཉིན་ནས་ཁྲིམས་སུ་བཅས་པའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ཡན་ལག་དང་བཅས་པ་གསར་གཏོད་གནང་བའི་ནང་ཚན་དབུས་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་གལ་ཆེ་བ་ཞིག་ཡིན།

འབྲེལ་གཏུགས་ཁ་བྱང་།

Chief Election Commissioner,
Election Commission
Central Tibetan Administration,
Dharamshala-176215
H.P. India

[email protected]
01892-224909

གལ་ཆེན་འབྲེལ་ཐག་ཁག

tibet.net
bod.asia
tibet.com
indiatibet.net

QR བཤེར་གྲངས།

© 2020 – 2026 TCRC