དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་རྒྱུད་སྐུལ་ཐབས་ཤེས་ཁག་བྱེད་མི་ཆོག

༡། འོས་གཞིའི་སྐྱེ་བོའམ། དེའི་ཕྱོགས་གཏོགས་བྱེད་མི། གཞན་ཡང་མི་སྐྱེ་བོ་སུ་རུང་ནས་དངུལ་ དངོས་སོགས་ལྐོག་རྔན་སྤྲོད་ལེན་ནམ། སྤྲོད་དོན་བྱེད་རྒྱུར་ཁས་ལེན་གྱིས་སྐྱེ་བོ་གང་ཞིག

འོས་གཞིར་འཛུལ་ཞུགས་བྱེད་དུ་འཇུག་པ་དང་། བྱེད་དུ་མི་འཇུག་པ། དེ་བཞིན་འོས་ གཞིར་ཞུགས་པ་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་དང་། བྱེད་དུ་མི་འཇུག་པ་བཅས་ལ་ ཐབས་ཤེས་རྒྱུད་སྐུལ་བྱེད་མི་ཆོག

ཕྱོགས་མཚུངས་འོས་འཕེན་པ་ཞིག་ནས་འོས་ཤོག་འཕེན་དུ་འཇུག་པ་དང་། འཕེན་དུ་མི་ འཇུག་པ་བཅས་ལ་ཐབས་ཤེས་རྒྱུད་སྐུལ་བྱེད་མི་ཆོག

༢། ཡང་ན་འོས་གཞིའམ། འོས་འཕེན་པ་ཞིག་ནས་དྲག་ཤུགས་ཀྱི་ཐོག་ནས་འཇིགས་སྣང་སྐུལ་ བའམ། སྐྱེ་བོ་གང་དག་འོས་གཞིར་འཛུལ་འཐེན་བྱེད་པ་དང་། འོས་བསྡུ་བྱེད་དང་མི་བྱེད་ པ་བཅས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་འགལ་རྐྱེན་བྱེད་མི་ཆོག

༣། ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་ སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་ བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང་། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་ གཞིའི་རྐྱེན་སློང་བྱེད་མི་ཆོག

༤། འོས་གཞིའམ། ཕྱོགས་གཏོགས་བྱེད་མི། གཞན་ཡང་སྐྱེ་བོ་སུ་རུང་ནས་འོས་བསྡུའི་ལས་དོན་ ལ་ཕན་གནོད་འབྲེལ་བའི་རྒྱབ་སྐྱོར་རོགས་རམ་དགོས་པའི་འབོད་བསྐུལ་དང་། སྐྱབས་ འཚོལ་བྱུང་རིགས་ལ་གཞུང་འབྲེལ་ལས་བྱེད་སྤྱི་དང་། ལྷག་པར་འོས་བསྡུའི་ལས་བྱ་སུ་ཐད་ ནས་གོ་དབང་བེད་སྤྱོད་བྱེད་མི་ཆོག

༥། འོས་གཞི་སུ་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་སྐོར་མི་མང་དང་། གསར་འགོད་པ་ བསྐོང་ཚོགས་གྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་ འགྲེམས་སྤེལ་བྱེད་པའི་རིགས་མི་ཆོག

༦། དབུས་དང་། ས་གནས་འོས་བསྡུའི་ལས་བྱེད་ཡོངས་རྫོགས་ནས་འོས་བསྡུའི་གསང་རྒྱ་དགོས་ རིགས་ཕྱི་གྲགས་མ་སོང་བར་གནས་པ་དང་། གནས་པའི་ཐབས་ལམ་བསྟེན་དགོས་པ་ལས་ ཤེས་བཞིན་རང་ཉིད་ཀྱི་བློ་ཉེ་མཛའ་གྲོགས་དང་། རང་ཁོངས་ཆོལ་ཁ་ཆོས་བརྒྱུད་ཚོགས་པ་ བཅས་ལ་ཕྱི་བསྒྲགས་བྱེད་པའམ་ཡིག་རིགས་ཁག་གང་བྱུང་སྣང་མེད་ཕྱི་གྱར་དུ་འགྲོ་ གཞིའི་རིགས་བཅས་ནམ་ཡང་མི་ཆོག

༧།

ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་། ཆོས་བརྒྱུད་ཁག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ སྐྱིད་སྡུག་ཁག་བཅས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་། རྒྱབ་གཉེར་ གསལ་བསྒྲགས་རིགས་བྱེད་མི་ཆོག

འོན་ཀྱང་འོས་བསྡུའི་ཁྲིམས་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་ མང་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་ཁྱེར་སྟངས་དང་། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ་བྱེད་པ་བཅས་གོང་ གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་ བྱ་རྒྱུ་མིན་རུང་། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་ གསལ་བསྒྲགས་བྱེད་མཚམས་འཇོག་དགོས།

༨། འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང་། བཀའ་བློན། སྤྱི་ འཐུས་བཅས་ཀྱིས་རང་ཉིད་ནས་སྐྱེ་བོ་སུ་རུང་འོས་གཞིར་ཞུགས་པའི་ཆེད།

སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་ བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། དངུལ་དངོས་གང་ཡང་བེད་ སྤྱོད་མི་ཆོག

གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་སྐབས་བབ་ལས་དོན་དང་འབྲེལ་བའི་གནད་དོན་ཁོ་ ན་ལས་དེ་མིན་རང་ཉིད་དམ་སྐྱེ་བོ་སུ་རུང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་འདས་པའི་ ལས་དོན་བྱས་འབྲས་དང་། མ་འོངས་བྱེད་འཆར་སོགས་ཀྱི་གཏམ་བཤད་རིགས་སྐབས་ བསྟུན་གང་དུ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་མི་ཆོག

༩། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་ བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་ཕྱོགས་ཀྱི་ལམ་སྟོན་བྱས་པ་བཞིན་ལག་བསྟར་བྱེད་ དགོས།

༡༠། སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕུད་དེ་མིན་འོས་མི་དང་སྐྱེ་བོ་སུ་ཐད་བཅས་ནས་འོས་བསྡུ་ དང་འབྲེལ་བའི་དྲིལ་བསྒྲགས་དང་། གཏམ་བཤད། ཡིག་ཆ་འགྲེམ་སྤེལ་བཅས་དངོས་ ཤུགས་བརྒྱུད་གསུམ་ནས་བྱེད་མི་ཆོག

༡༡། འོས་བསྡུའི་སྐབས་སྐྱེ་བོ་སུ་རུང་ནས་མི་མང་ཚོགས་འདུ་དང་། སྤྱི་ཚོགས་དྲ་ལམ་གྱི་གླེང་ སྟེགས་བཅས་སུ་རྩ་དོན་དང་དེ་འབྲེལ་ལས་དོན་བྱེད་ཕྱོགས་ཐད་དོན་དངོས་སྐྱོན་འདོན་ བྱེད་པ་ལས། བོད་མིའི་ཐུན་མིན་བཟང་སྤྱོད་ལས་བརྒལ་ཏེ་གང་ཟག་སྒེར་གྱི་མི་གཤིས་ལ་ སྐྱོན་བརྗོད་རིགས་ནམ་ཡང་མི་ཆོག

 

Menu